བོད་ལྗོངས་ཉིན་རེའི་ཚགས་པར་ནང་ཡེ་ རྡོར་ཟེར་བའི་འཁྱོག་བརྗོད་ལ་ལྟ་བ།

ཉེ་སྔོན་ཕྱི་ལོ་ ༢༠༠༨ ཟླ༡༢ ཚེས༡༦ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པར་ཡེ་རྡོར་ཟེར་བ་ཞིག་གིས། “ ཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ ངོ་བོར་ལྟ་བ ”ཟེར་བ་ཞིག་རྒྱ་ནག་གཞུང་གི་དྲ་རྒྱའི་ནང་ཐོན་འདུག རྩོམ་ཡིག་དེའི་ཁ་བྱང་དུ“ངོ་བོར་ལྟ་བ”ཞེས་རྩོམ་པ་ པོ་ཞིག་གིས་རང་དབང་རང་ཚུགས་ཀྱི་སྒོ་ནས་གནས་ཚུལ་ངོ་སྤྲོད་དམ་དབྱེ་ཞིབ་བྱས་ ཡོད་པའི་ཐོག་རྫུན་གྱི་ཞྭ་མོ་ཞིག་གཡོགས་པ་ཙམ་ལས། རྩོམ་ཡིག་གི་ནང་དོན་ནི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་རྩ་འཛིན་ལམ་སྟོན་ འོག་སྤེལ་བའི་རྒྱ་ནག་གི་“ གཞུང་སྲོལ་རྩོམ་ཡིག ”ཁྲི་ སྟོང་མང་པོའི་གྲས་ཀྱི་གཅིག་ལས་མ་འདས་མོད། འོན་ཀྱང་དགོད་བྲོ་བ་ཞིག་ལ། ཡེ་རྡོར་ཟེར་བའི་བོད་མི་འདིས“ སྲིད་དབང་སྒེར་སྤྱོད”ཅེས་ པའི་ཐ་སྙད་ཀྱི་གོ་དོན་ལོག་པར་སྤྱད་དེ། འཛམ་གླིང་གི་སྲིད་དབང་སྒེར་སྤྱོད་པ་ཆེ་ཤོས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ“དམངས་ གཙོའི ”གསེར་ རྩི་བྱུགས་པ་དང་ལྷན། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གྱི་རྩ་ཁྲིམས་འོག་ཀུན་གྱིས་ བསྔགས་ཡུལ་དུ་གྱུར་པའི་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ཐོག“ སྲིད་ དབང་སྒེར་སྤྱོད ”ཀྱི་སོལ་མདོག་བྱུགས་གང་ཐུབ་བྱས་འདུག་པས། ངོ་མ་བསྟོད་མ་ཤེས་པར་བསྟོད་པ་དང༌། སྨད་མ་ཤེས་པར་སྨད་པ་ཞེས་པའི་དཔེ་མཚོན་ལྟ་བུར་གྱུར་འདུག ཡེ་ རྡོར་གྱིས་ྋགོང་ས་མཆོག་གིས་སྲིད་དབང་སྒེར་སྤྱོད་གནང་བཞིན་པ་ཤིན་ཏུ་མ་འོས་པ་ ཞིག་རེད་ཟེར་ན། ཡེ་རྡོར་ལགས་ཀྱིས་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་རྩ་བ་ནས་མཁྱེན་མེད་པ་འདྲ། འཛམ་གླིང་ནང་སྲིད་དབང་སྒེར་སྤྱོད་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་ཡིན་པ་ཚོགས་པའི་ སྒྲིག་གཞིའི་ནང༌། “ རྒྱུན་འཁྱོངས་བྱ་དགོས་པའི་དོན་ཚན་བཞི ”དང༌། “ལྟེ་བ་གཅིག་དང་རྩ་བའི་གནད་དོན་གཉིས ”སོགས་ རྒྱ་ནག་ནང་དམར་ཤོག་ཚོགས་པས་སྲིད་དབང་སྒེར་སྤྱོད་ཀྱི་གཞི་རྩའི་ལམ་ཕྱོགས་གཏན་ འབེབས་ཡོད་ལ། ལྷག་པར་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་དང་པོའི་ནང༌། “ ཀྲུང་ ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་པ་དང༌། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་ འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན ”ཞེས་ བཀོད་དེ་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་བཟོ་ཞིང་གྲལ་རིམ་གྱི་འཐུས་ཚབ་ཡིན་ཟེར་ བའི་དམར་ཤོག་ཚོགས་པར་ཡོད་པ་དེ་སྲིད་དབང་སྒེར་སྤྱོད་ཡིན་པ་རྒྱ་ནག་རང་གིས་ ཀྱང་ཁས་བླངས་ཡོད། རང་ཉིད་སྲིད་དབང་སྒེར་སྤྱོད་ཀྱི་ཉི་གདུགས་འོག་བསྡད་དེ་གཞན་ལ“ སྒེར་སྤྱོད་པ ”ཞེས་སྡིགས་མོ་བྱེད་པ་འདི་རྒྱ་ནག་གུང་ ཁྲན་ཏང་གི་རྒྱུན་སྲོལ་ཞིག་ཡིན། རྒྱ་ནག་གིས་བོད་ ལ་བཙན་འཛུལ་བྱ་ཆེད། “ བོད་དུ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ ཤུགས་མཐར་སྐྲོད་གཏོང་རྒྱུ ”ཞེས་འུད་སྒྲོག་བྱས་ཡོད་པ་དང༌། བོད་མིའི་རྒྱུ་ནོར་དང་ཐོབ་ཐང་འཕྲོག་ཆེད“ དམངས་གཙོ་བཅོས་སྒྱུར ”དང“ མི་དམངས་སྤྱི་ཁང ”ཟེར་བ་བཙུགས་པ་ སོགས་དཔེ་མཚོན་མཐའ་ཡས་པ་ཡོད། ཉེ་ལམ་ཡེ་རྡོར་གྱིས་རྒྱ་ནག་གི་སྲོལ་རྒྱུན་བྱེད་ཐབས་དེའི་རྗེས་སུ་འབྲངས་ཏེ་ རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དང༌། བོད་ཕྱོགས་ལ་མཚང་འབྲུ་དང་སྡིགས་ར་སྐུལ་བ་འདིས། རྒྱ་ནག་ནང་འཚར་ལོངས་བྱུང་བའི་རྩོམ་པ་པོ་མང་པོ་ཞིག“ སྲིད་དབང་ སྒེར་འཛིན ”པའི་བྲན་གཡོག་ཏུ་གྱུར་ཏེ། རྩོམ་པ་པོའི་གཞི་རིམ་གྱི་བཟང་སྤྱོད་དང་རང་ཚུགས་ཀྱི་གཤིས་རྒྱུད་རྩ་ཡལ་དུ་ གྱུར་པ་གསལ་རྗེན་དུ་བསྟན་ཡོད། རྒྱ་ནག་གཞུང་ གིས་བོད་དེ་ལོ་རྒྱུས་སྟེང་རྒྱ་ནག་གི་ཆ་ཤས་ཡིན་པ་བཙན་སྒྲུབ་བྱ་ཆེད། “ ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་བོད་རིག་པའི་མཁས་པ ”ཞེས་ པའི་མིང་སྐམ་པོ་རེ་བཏགས་ཏེ། དོན་དམ་རྒྱ་ནག་དམར་ཤོག་རང་གི་སྲིད་དབང་སྲུང་སྐྱོབས་ལ་ཞབས་འདེགས་ཞུ་མཁན་ རྒྱུགས་ཁྱི་གང་མང་ཞིག་གསོ་སྐྱོང་བྱས་པའི་གྲུབ་འབྲས་སུ། ཉེ་སྔོན་རྒྱ་གཞུང་གིས་གྲོང་ཁྱེར་ཆེ་ཁག་གང་སར“ བོད་རྙིང་པའི་ མུན་ནག ”དང༌། “བོད་གསར་པའི་མཛེས་སྡུག ”སྐོར་ འགྲེམས་སྟོན་བྱེད་པ་དེས། བོད་ཀྱི་དངོས་ཡོད་གནས་ཚུལ་མི་ཤེས་པའི་མི་རྣམས། ཐོག་མར་ཡ་མཚན་དང་རྣམ་རྟོག་ཅིག་བཟོ་ཐུབ་ནའང༌། རང་ཚུགས་ཀྱིས་བསམ་ཞིབ་བྱས་ཏེ་རང་ཉིད་ཀྱི་ངོས་འཛིན་དང་གོ་རྟོགས་གོང་མཐོར་ གཏོང་རྒྱུ་དེ་འགྲོ་བ་མིའི་རིགས་ཀྱི་ཁྱད་གཤིས་ཡིན་སྟབས། དངོས་ ཡོད་གནས་ཚུལ་ནི་རྗོད་པ་པོའི་སྟོབས་ཆེ་ཆུང་དང༌། བརྗོད་སྟངས་མཁས་མིན། དྲིལ་བསྒྲགས་ཀྱི་ནུས་ཤུགས་དང༌། ཡུན་ཚད་ལ་བལྟས་ཏེ་གནས་པ་ཞིག་མ་ཡིན་པར། བྱ་དངོས་རང་སྟེང་གི་ཆོས་ཉིད་ལ་རག་ལས་ཡོད་སྟབས། བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་རྙིང་པའི་ཐོག་ཕྱིས་འབྱུང་མཁས་བླུན་མང་པོས་ ཇི་ཙམ་དཔྱད་ཞིབ་བྱས་ཀྱང༌། མཐར་ཐུག་གཞི་འཛིན་ས་དང་འབབ་ས་ནི་དུས་སྐབས་དེར་འཚོ་ཞིང་གཞེས་པའི་མི་མང་རྣམས་ ཕྱིའི་གནོན་ཤུགས་གང་ཡང་མེད་སྐབས་ཟིན་ཐོར་བཏབ་པའི་ལོ་རྒྱུས་དང་དངོས་བྱུང་ རྣམས་ཡིན་པ་ལས། ལྕགས་སྒྲོག་ཅིག་བསྟན་ནས་བོད་མི་ཚང་མ་འདི་ལྟར་སྡུག་མྱོང་གི་ཡོད་ཟེར་བ་དང༌། མི་ལྤགས་གཅིག་བསྟན་ནས་ཏཱ་ལའི་བླ་མས་མིའི་ལྤགས་པ་བཤུས་པ་རེད་ཅེས་པའི་ཁུངས་ མེད་ལོང་གཏམ་གྱི་དྲིལ་བསྒྲགས་བྱས་པ་ཙམ་གྱིས་སུ་ལའང་བདེན་ཁ་སྟེར་མི་ཐུབ། “ གང་དུ་གཉའ་གནོན་ཡོད་ན། དེ་ན་ངོ་རྒོལ་ཡོད ”ཟེར་ བ་བཞིན། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད། གཉའ་གནོན་དང་གྱེན་ལངས་ཀྱི་ལས་འགུལ་མཚམས་མ་ཆད་པར་བྱུང་མྱོང་ཡོད། བོད་དུ་བསྟན་པ་ཕྱི་དར་ནས་ད་བར་བོད་གཞུང་ལ་ངོ་རྒོལ་གྱེན་ལངས་ཀྱིས་མགོ་རྟིང་ སློག་འགོ་བརྩམས་པའི་གནས་ཚུལ་ཅི་ཙམ་བྱུང་ཡོད་དམ། གནས་ཚུལ་དེ་རྣམས་དེང་གི་རྒྱ་ནག་གཞུང་དང་བསྡུར་བ་ཡིན་ན། ང་ཚོས་སྲིད་དབང་སྒེར་སྤྱོད་སུ་ཡིན་པ་དང༌། གཉའ་གནོན་བྱེད་མཁན་སུ་ཡིན། གཉའ་གནོན་མྱོང་མཁན་སུ་ཡིན་པ་གསལ་པོར་ཤེས་ཐུབ། ཡེ་རྡོར་གྱི་ རྩོམ་ཡིག་ནང༌། བཙན་བྱོལ་བོད་མིའི་ཚོགས་སྡེ་ལ“ ནུབ་ཕྱོགས་དགྲ་ ཡའི་ཕྱོགས་ཁག་གིས་ཏཱ་ལའི་རུ་ཚོགས་དེ་ནུབ་ཕྱོགས་ལྟར་གྱི་དམངས་གཙོ་ལག་ལེན་ བསྟར་མཁན་མིག་དཔེ་ལྟ་བུར་བརྩི་གི་ཡོད ”ཚུལ་ དང༌། ྋགོང་ས་མཆོག་ནས་ལས་འཁྱུར་གནང་རྒྱུའི་བཀའ་སློབ་ཕེབས་པར་དམིགས་བསལ་ཚོགས་ཆེན་ གྱིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་གསོལ་བ་བཏབ་པ་དེ་ནི་ྋགོང་ས་མཆོག་ གིས་འཛམ་གླིང་མི་མང་ལ་གཡོ་སྒྱུ་འཁྲབ་པ་ཞིག་ཡིན་ཚུལ་སྨྱོ་ཧམ་ཆེན་པོས་སྐུར་བ་ བཏབ་འདུག དོན་ དངོས་ཐོག་ཚིག་དྲིས་ནས་མ་ཡོང་ཞོར་ནས་འོང་ཟེར་བའི་དཔེ་ལྟར། ཡེ་རྡོར་གྱི་རྗོད་ཚིག་འདིའི་ནང་བོད་ཕྱི་ལོགས་སུ་བྱུང་བའི་དོན་རྐྱེན་གལ་ཆེན་ གཉིས་ཞོར་ནས་ཁས་བླངས་ཟིན་ཡོད། གཅིག་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་“ནུབ་ ཕྱོགས་དགྲ་ཡའི་ཕྱོགས་ཁག ”རྒྱལ་ཁབ་སུ་དང་སུ་ཡིན་གསལ་ཁ་འདོན་ པའི་བློ་སྤོབས་རྙེད་མེད།གིས་“ དམངས་གཙོ་ལག་ལེན་བསྟར་མཁན་གྱི་ མིག་དཔེ་ལྟ་བུར་བརྩི་གི་ཡོད ”་པ་ཁས་བླངས་ཡོད། གཉིས་ནི། ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཐེངས་མང༌། མར་སྐུར་གནང་བའང་ཁས་བླངས་ཡོད། འོ་ན་ཡེ་རྡོར་ གྱི་སེམས་སུ་མ་འཐད་པ་གང་ཡོད་དམ་ཞེ་ན། “ དམངས་གཙོའི་མིག་དཔེར་ བརྩིས་པ”དེ་ མིག་གི་ཚེར་མ་ལྟར་གྱུར་ཏེ་ནུབ་ཕྱོགས་པ་ཚོ་ཀུན་སློང་མ་གཙང་བའི་སྐྱོན་ཡོད་ ཟེར་འདོད་པ་དང་གཅིག ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མར་སྐུར་གནང་བ་དེ་རྒྱ་གཞུང་གི་དྲིལ་ བསྒྲགས་དང་མི་མཐུན་སྟབས། ཚུལ་འཆོས་ཡིན་ཟེར་འདོད་པ་གཉིས་ཡིན། དང་པོ་ལྟར་ན། ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་ཁག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་ གཙོའི་མིག་དཔེར་བརྩིས་པ་གལ་ཏེ་མ་འགྲིག་པ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་དམར་པོའི་ལམ་ ལུགས་ལྟར་“ དབང་ཆ་གཅིག་སྡུད་དང་སྲིད་དབང་སྒེར་འཛིན་པར ”བརྩིས་ ན་ད་གཟོད་འགྲིག་ཡོད་དམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་“ བཀས་ བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རེད ”ཟེར་ འདོད་དམ། སྔ་མར་མི་འཐད་དེ། ཕྱི་མ་ལྟར་ན། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་སྲིད་དབང་སྒེར་འཛིན་བྱེད་ རུང་བ་ཁས་ལེན་དགོས་པས། རྒྱ་གར་ནང་བོད་མི་རྣམས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཐོག་བསྡད་ཡོད་ པ་ཁས་ལེན་དགོས་པས། བསམ་ཞིབ་མང་པོ་མི་དགོས་པར་སྤྱིར་བཏང་གི་རྒྱུན་ཤེས་ཡོད་མཁན་ཚང་མས་བདེན་རྫུན་ གྱི་དབྱེ་ཐག་ཆོད་སླའོ།། དོན་དངོས་ཐོག་ རྒྱ་ནག“ བཅིངས་འགྲོལ ”ཐོབ་ པ་ནས་བཟུང་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་སྤུ་ཙམ་མེད་པའི་ཐོག རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་བཀག་སྡོམ་བྱས་ཏེ་མི་མང་རྣམས་ཁ་ནས་བཤད་ དབང་མེད་པ། མིག་གིས་བལྟ་དབང་མེད་པ། རྣ་བས་ཉན་དབང་མེད་པར་གྱུར་ཡོད་པས། དེ་འདྲའི་གནས་སྟངས་འོག་བྲིས་པའི་རྩོམ་ཡིག་དེར་དྲང་བདེན་དང་རང་ཚུགས་ཅི་ཙམ་ ཡོད་མེད་ཚང་མས་ཤེས་སླ། དེང་ སང་འཛམ་གླིང་ནང་འགྲིམ་འགྲུལ་དང་བརྡ་འཕྲིན་ཡར་རྒྱས་ཆེན་པོ་བྱུང་ཡོད་པས་རྒྱལ་ ཁབ་ཕན་ཚུན་དབར་རང་དབང་གིས་འགྲུལ་བསྐྱོད་བྱེད་ཀྱི་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ། དམིགས་བསལ་ལག་འཁྱེར་མི་དགོས་པའི་སྒོ་ནས་ཁྱིམ་མཚེས་རྒྱལ་ཁབ་ལ་རང་དབང་འགྲིམ་ འགྲུལ་བྱ་རྒྱུ་དེ་རྒྱ་ནག་ནང་ཉིན་མོའི་རྨི་ལམ་དུ་གྱུར་ཡོད་ཅིང༌། རྒྱ་ནག་གི་མི་སེར་རྣམས་ཐ་ན་ཧོང་ཀོང་ལ་གཉེན་འཕྲད་དུ་འགྲོ་བ་ལ་ཡང་འགན་ལེན་དང་ བརྟག་ཞིབ་ཀྱི་འགག་སྒོ་རིམ་པ་བརྒྱུད་དགོས། གལ་སྲིད་དེ་ལྟར་མིན་ན། རྩོམ་ཡིག་འདི་འབྲི་མཁན་སྐུ་ཞབས་ཡེ་རྡོར་ལགས་རྒྱ་གར་ནང་དངོས་སུ་ཕེབས་ཏེ“ དངོས་ཐོག་བདེན་འཚོལ ”གྱིས་བརྟག་ཞིབ་བྱ་དགོས་པ་ལས། རྒྱ་ནག་གི་ཡིག་ཚང་ནང་བསྡད་དེ་རྒྱ་གཞུང་གིས་མཁོ་འདོན་བྱས་པའི་ཡིག་ཆ་འགར་གཞི་ བཅོལ་ནས་རྟོག་བཟོའི་འཆལ་རྩོམ་འབྲི་བའི་ངལ་བར་བསྟེན་དོན་ཅི། “ མང་གཙོ ”ཞེས་པ་མི་ཡུལ་དུ་འཁྲུངས་ནས་ལོ་ངོ་བརྒྱ་ལྷག་ལས་ སོང་མེད། དུས་ ཡུན་དེའི་རིང་མང་གཙོའི་ལམ་སྲོལ་ལ་འགྱུར་བ་དང་ལེགས་བཅོས་རིམ་པ་བྱུང་ཡོད། དེང་རྒྱལ་ཁབ་སོ་སོའི་མང་གཙོའི་ལམ་ལུགས་ཀྱང་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་ ནའང༌། དེ་ཚོ་ཚང་མ་འགྲོ་བ་མིའི་གཞི་རྩའི་རིན་ཐང་དང་ཐོབ་ཐང་འགན་སྲུང་བྱ་བའི་རྨང་ གཞིའི་གྲུབ་ཡོད། དེ་ལྟར་བོད་ཀྱི“ ཆོས་སྲིད་ཟུང་འབྲེལ ”གྱི་ མང་གཙོའི་ལམ་སྲོལ་ཡང་བོད་རང་གི་རིག་གནས་ལོ་རྒྱུས་སོགས་ཐུན་མིན་ཁྱད་ཆོས་ གཞིར་བཞག་ཐོག་གསར་འཛུགས་ཀྱིས་ལེགས་བཅོས་རིམ་པ་བྱས་པ་དེར་མ་འགྲིག་མ་འཚམས་པ་ ཅི་ཞིག་ཡོད། བོད་མི་རྣམས་བཙན་བྱོལ་ནང་བསླེབས་རྗེས་ྋགོང་ས་མཆོག་གི་ལམ་ སྟོན་དང་ཐུགས་ཁུར་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག“ མང་ གཙོའི ”ཕྱོགས་སུ་གོམ་པ་རིམ་ བགྲོད་བྱས་ཏེ། ད་ཆ་སྐུ་ཞབས་ཡེ་རྡོར་གྱིས་བཤད་པ་ལྟར་མ་སྨོན་རང་སྐྱིད་མིག་དཔེ་ལྟ་བུའི་ཀྱི་ གྲུབ་འབྲས་བཟང་པོ་ཐོབ་ཡོད། དེ་ལྟ་བུའི་གྲུབ་འབྲས་བཟང་པོ་དེ་ཡང་བོད་མི་མང་གིས་ཤི་གསོན་གྱི་འཐབ་རྩོད་ལ་ བརྟེན་ནས་བྱུང་བ་ཞིག་མ་ཡིན་པར། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ནན་ཚུགས་ཀྱིས་གསོལ་རས་སྩལ་བ་འདི་ནི་འཛམ་གླིང་ གི་ལོ་རྒྱུས་ཐོག་སྔ་ན་མ་གྲགས་པ་ཞིག་ཡིན་པ་བཙན་བྱོལ་བོད་མིའི་མང་གཙོའི་ལོ་ རྒྱུས་ཀྱི་དེབ་ཐེར་ཁག་ཏུ་གསལ་པོ་བཀོད་ཡོད། མ་ གཞི་བཙན་བྱོལ་བོད་གཞུང་གི་ཁྲིམས་བཟོ་དང་འོས་འདེམས། དབང་ཆ་སྤྲོད་ལེན་སོགས་ཆབ་སྲིད་ཀྱི་བྱ་བ་གལ་ཆེན་རྣམས་ཕྱི་གསལ་ནང་གསལ་དང་རང་ དབང་ལྡན་པའི་ཚོགས་སྡེ་དུ་མའི་ལྟ་རྟོག་འོག་བྱས་ཡོད་པ་མ་གཏོགས། རྒྱ་ནག་ལྟར་བཀག་སྡོམ་དང་དམ་དྲག་འོག་བྱུང་མེད། གལ་སྲིད་ཡིད་མི་ཆེས་ན། སྐུ་ཞབས་ཡེ་རྡོར་ལགས་རྒྱ་གར་ནང་དངོས་སུ་ཕེབས་ནས་བརྟག་ཞིབ་བྱས་ཆོག ཉེ་ སྔོན་དམིགས་བསལ་ཚོགས་ཆེན་སྐབས་སུའང་རྒྱ་ནག་གི་གསར་འགོད་པ་གཉིས་ཐའེ་ལན་གྱི་ མི་སེར་ཡིན་ཞེས་སྐྱག་རྫུན་བཤད་ནས་ཕེབས་ཏེ་ཚོགས་འདུའི་ཉིན་དང་པོར་བརྙན་པར་ ཡང་བརྒྱབས་ཡོད་མོད། འོན་ཀྱང་ཉིན་གཅིག་རྗེས་སུ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྩད་ཞིབ་བྱས་པ་ཐོས་ འཕྲལ་རང་གི་རྫུན་རྐུབ་བརྡོལ་བ་ཤེས་ནས་གར་སོང་ཆ་མེད་དུ་གྱུར་པ་རེད། རང་དབང་གི་གསར་འགོད་པ་དང་ཞིབ་འཇུག་པ་ལ་བརྩི་བཀུར་དང་མཐུན་རྐྱེན་བསྒྲུབ་ རྒྱུ་ནི་བཙན་བྱོལ་བོད་གཞུང་གི་ལས་འགན་ཡིན། བདེན་པ་ཡོད་ན་རང་དབང་རྒྱལ་ཁབ་ནང་ཕེབས་ཏེ་གདོང་དང་གདོང་ཐུག་ནས་དག་སེལ་དང་ རྩོད་སྒྲུབ་བྱ་དགོས་པ་ལས། རྒྱ་གཞུང་གི་ཚགས་པར་ལག་ཆར་སྤྱད་དེ་མེ་མདའི་བཙན་དབང་འོག་གནས་པའི་བོད་ལྗོངས་ སུ་ “ རྒྱ་གཏམ ”འདི་འདྲ་སྤེལ་བ་ནི། ཝ་སྐྱེས་རྒྱལ་པོར་བཀུར་བའི་ཟློས་གར་ལས་མ་འདས། ལར་ནས་དེང་སང་ འཛམ་གླིང་སྟེང་ྋགོང་ས་ཏཱ་ལའི་བླ་མས་ཞབས་ཀྱིས་མ་བཅགས་པའི་མང་གཙོའི་རྒྱལ་ཁབ་ ག་ཚོད་ཡོད་དམ། འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུ་ཁྲིད་དང་མི་མང་གིས་དགའ་བསུ་ཆེན་པོས་གདན་ འདྲེན་གྱིས་བཀའ་སློབ་ཞུ་སའི་ཞི་བདེའི་དེད་དཔོན་ཆེན་པོ་དེར། བོད་མིའི་ངོས་ནས་ཆོས་སྲིད་ཀྱི་དབང་ཆ་མཐོ་ཤོས་ཕུལ་མ་ཆོག་པའི་རྒྱུ་མཚན་ཅི་ ཡིན་ནམ། བོད་ མི་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་ལམ་ལུགས་སུ་བསྐྱོད་མིན་གྱི་མི་རིགས་ རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་མཉམ་འབྲེལ་རྒྱལ་ཚོགས་འོག་ཡོད་པའི་འཛམ་གླིང་མི་ མང་སྤྱི་ལ་ཆ་སྙོམས་སུ་ཡོད་པ་ལས། བོད་མིའི་ཐོབ་ཐང་དེ་རྒྱ་གཞུང་གིས་དཔུང་ཤུགས་ཀྱིས་འཕྲོག་མི་ཐུབ་ལ། དཔལ་འབྱོར་གྱིས་ཉོ་ཡང་མི་ཐུབ། དེ་དང་ཆབས་ཅིག་རྒྱ་ནག་གིས་བོད“ བཅིངས་ འགྲོལ ”མི་སེར་སྤེལ་ཡུལ་དུ་བཏང་བའི་རྗེས་ནས་ད་བར། “ཀྲུང་ དབྱང”གིས་སྲིད་ཇུས་ཅི་ཞིག་གཏན་འབེབས་བྱེད་ཀྱང་མི་མང་ལ་གྲོས་ བསྡུར་སྦྱང་བཤད་བྱས་པ་ཐེངས་གཅིག་ཡོད་དམ། རྩོམ་པ་པོ་ཡེ་ རྡོར་ཡང་དེ་བཞིན་“ ཀྲུང་དབྱང ”གིས་ གཏན་ལ་ཕབ་པའི་སྲིད་ཇུས་འོག་མགོ་སྒུར་རྐྱང་བྱ་རྒྱུ་ལས། རང་ཚུགས་ལྡན་པའི་སྐད་ཆ་དང་བསམ་བློའི་སྣེ་གཅིག་འདོན་པའི་རང་དབང་མེད། གལ་ཏེ་དེ་ལྟར་མིན་ན། རྒྱ་ནག་ནང་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བར་བསྙད་དེ་བཀག་ཉར་དང་བཙོན་འཇུག་བྱས་ པའི་མི་འབོར་ནི་འཛམ་གླིང་ཡུལ་ལུང་གཞན་ཚང་མའི་ཆབ་སྲིད་བཙོན་པའི་བསྡོམས་འབོར་ ལས་ཀྱང་བརྒལ་བར་འགྲེལ་བརྗོད་ཇི་ལྟར་བྱའམ། ཡེ་རྡོར་གྱི་ རྩོམ་ཡིག་དེའི་འགོར་འཁོད་དོན། ཉེ་ལམ་ལོ་ཤས་རིང་ྋགོང་ས་མཆོག་ནས“ ལས་ འཁྱུར ”གནང་རྒྱུའི་བཀའ་སློབ་ཡང་ཡང་ཕེབས་ཚུལ་དང༌། ཕྱི་ལོ་༢༠༠༨ ལོའི་ཟླ༡༡ པའི་ཟླ་མཇུག་གིཡེ་རྡོར་གྱིས་ཟླ་༡༠ བྲིས་འདུག་པ་མ་དག་པའོདམིགས་བསལ་ཚོགས་ཆེན་ནང་ྋགོང་ས་མཆོག“ ལས་ འཁྱུར ”རམ་ཕྱེད་བགྲེས་ཡོལ་མི་གནང་བའི་རེ་འདུན་བཏོན་པར་ཞལ་ བཞེས་གནང་ཡོད་ཚུལ་བརྗོད་དེ། མདོ་དོན་ྋགོང་ས་ཏཱ་ལའི་བླ་མས“ཆོས་ སྲིད་ཟུང་འབྲེལ་ཀྱི་སྲིད་དབང་སྒེར་སྤྱོད་ཀྱི་ངོ་བོར་འགྱུར་ལྡོག་གཏན་ནས་ གཏོང་བཏང་མྱོང་མེད ” ཅེས་མཐའ་བསྡོམས་བརྒྱབས་པའི་ཁུལ་བྱས་འདུག ྋགོང་ ས་མཆོག་གིས“ བོད་མི་སྤྱིའི་རྩ་དོན་ཐོག་ཐུགས་ཁུར་གནང་རྒྱུའི་ དམ་བཅའ་དུས་ནམ་ཡང་གློད་མི་སྲིད ”་ གསུངས་པ་དེར་མ་འགྲིག་པ་ཅི། འོ་ན་ཁྱོད་ཀྱི་འདོད་པ་ལྟར་ན་ྋགོང་ས་མཆོག་གིས་བོད་དོན་ཐོག་ཐུགས་སྣང་གཏན་ནས་ གནང་གི་མིན་ལ་ཕྱག་ལས་ཀྱང་གནང་གི་མིན་ཞེས་གསུངས་ན་ད་གཟོད་འགྲིག་ཡོད་དམ། བོད་ སྤྱི་པའི་རྩ་དོན་ཐོག་སེམས་ཁུར་དང་ཞབས་འདེགས་ཞུ་རྒྱུ་དེ་བཅའ་ཁྲིམས་ཀྱིས་གཏན་ འབེབས་གནང་བའི་ཡུལ་མི་སྤྱིའི་འོས་འགན་ཡིན་ན། བོད་ཀྱི་ཤཱཀྱའི་དགེ་སློང་ཞིག་དང༌། ཁྱད་པར་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་ རིམ་བྱོན་གྱི་ཐུགས་བསྐྱེད་སྨོན་ལམ་དེ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་མོས་ རྒྱུན་མཐུད་མཐའ་འཁྱོངས་གནང་བཞིན་པ་འདི་ལ་ཉེས་པའི་ཆ་གང་ཞིག་འདུག་གམ། ཏཱ་ལའི་བླ་མས་བྱས་ན་བྱས་པའི་སྐྱོན་དང༌། མ་བྱས་ན་མ་བྱས་པའི་སྐྱོན་བརྗོད་བྱེད་པ་འདི་ནི་དོན་དངོས་སུ་རྒྱ་གཞུང་གིས“ རང་འདོད་མ་འགྲུབ་པས་གཞན་སྨོད ”བྱས་པའི་བྱིས་པའི་བྱ་ སྤྱོད་ཅིག་ཡིན་པ་ཤེས་ཐུབ། འོག་གི་དོན་ཚན་ དང་པོའི་སྐབས་ཡེ་རྡོར་རང་གིས་བཤད་པ་ལྟར། ཕྱི་ལོ་༡༩༦༣ ལོའི་རྩ་ཁྲིམས་ཟིན་བྲིས་ནང༌། ཆོས་སྲིད་ཀྱི་དབང་ཆ་གཙོ་བོ་ྋགོང་ས་ཏཱ་ལའི་བླ་མར་ཡོད་ཅེས་འཁོད་ཡོད་པ་དེ། ཕྱི་ལོ་༡༩༩༡ ལོའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང༌། “ མ་འོངས་ བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན་གཤིས། ” ཞེས་སོགས་གསལ་ ཡོད་པས། འདིའི་ནང་ྋགོང་ས་ཏཱ་ལའི་བླ་མར་ཆོས་སྲིད་ཀྱི་བདག་པོའམ་གཙོ་བོ་ཡིན་ཞེས་ཡིག་ འབྲུ་གཅིག་ཀྱང་གསལ་མེད་མོད། རྩོམ་པ་པོས“ ཆོས་སྲིད་ཟུང་འབྲེལ ”ཞེས་པ་མཐོང་འཕྲལ་རི་བོང་ཅལ་འདྲོགས་ཀྱིས། ཆོས་སྲིད་ཟུང་འབྲེལ་ཡིན་ན་སྲིད་དབང་སྒེར་འཛིན་ཡིན་པའི་མཚུངས་རྟགས་བརྒྱབ་ ཡོད། ཀུན་གྱིས་ཤེས་གསལ་ལྟར། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ནི་མ་རྩ་རིང་ལུགས་ཡོངས་སུ་དཔར་འགེབས་བྱས་ཡོད་ ནའང༌། གུང་ཁྲན་རིང་ལུགས་ཀྱི་ལར་ཞེན་སྲུང་ཆེད་དང༌། རྒྱ་ནག་དམག་ཤོག་གིས་སྲིད་དབང་སྒེར་འཛིན་བྱ་ཆེད་ཁོ་ཚོས་ད་དུང༌། “ཀྲུང་ གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས ” དང༌། “ སྤྱི་ ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་རའི་དཔལ་འབྱོར ”ཟེར་ བ་སོགས་ཀྱི་བརྗོད་ཚིག་གསར་བཟོ་དང་ལྷན་པ་བསྐྱར་རྒྱག་བྱས་ཡོད། རྒྱ་ནག་གཞུང་གིས་མང་གཙོ་དང་རང་དབང་ཞེས་པའི་ཐ་སྙད་ལ་གོ་བ་ལོག་སྒྲུབ་བྱས་པ་ ལྟར། བོད་ཀྱི་ལོ་རྒྱུས་སྤྱི་དང་ཆོས་སྲིད་ཟུང་འབྲེལ་གྱི་ཐ་སྙད་ལའང་གོ་བ་ལོག་ སྒྲུབ་ཀྱིས་གཞན་སྨད་རང་བསྟོད་ཀྱི་བྱེད་ཐབས་རིམ་པ་སྤེལ་ཡོད། བཙན་ བྱོལ་ནང་ྋགོང་ས་མཆོག་གི་ལམ་སྟོན་དང་བཀའ་སྐུལ་ནན་པོའི་འོག་བཅའ་ཁྲིམས་ཀྱི་ནང་ དོན་ལ་བསྐྱར་བཅོས་རིམ་པ་བྱས་ཏེ། བཙན་བྱོལ་གཞུང་གི་ལས་དོན་བྱེད་ཕྱོགས་དང་འགན་དབང་ལ་ཁྲིམས་གཞི་ཞིབ་ཕྲ་བཟོ་ འགོད་བྱས་ཡོད་པའི་ཐོག ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་གཞིས་བྱེས་མི་མང་གི་དབུ་ཁྲིད་ཡིན་པའི་ཆ་ནས། བཅའ་ཁྲིམས་ནང་གསལ་སྐུ་དབང་དེ་དག་ནི་བོད་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་ མང་གི་འཐུས་ཚབ་འཐུས་མི་འདི་དག་ཀྱང་རྒྱ་གཞུང་གི་མི་དམངས་འཐུས་མི་ཟེར་བ་ལྟར་ གཞུང་གིས་དམིགས་འཛུགས་བྱས་པ་མ་ཡིན་པར། ཁོངས་སོ་སོའི་མི་མང་གིས་རང་དབང་གིས་བདམས་པ་ཤ་སྟག་ཡིན།ཀྱིས་སྤྱི་མོས་ཐོག་ གཏན་འབེབས་གནང་བའི་ཁྲིམས་གཞི་འདིས། ྋགོང་ས་མཆོག་ལ་ཕུལ་བའི་སྐུ་དབང་འདི་དག་ནི་བོད་མི་མང་གིས་རང་གི་དབུ་ཁྲིད་ལ་ དབང་སྐུར་བྱས་པ་བཟང་སྤྱོད་དང་མང་གཙོའི་འགྲོ་ལུགས་གཉིས་ཀར་ཡོངས་སུ་མཐུན་པ་ ཡིན། འོན་ཀྱང༌། རྒྱ་ནག་གུང་ཁྲན་ཏང་གིས་ཐོག་མར་མི་དམངས་ཀྱི་འཐུས་མི་སུ་ཡིན་ཏང་གིས་བདམས། ཏང་གིས་བདམས་པའི་འཐུས་མི་དེ་ཚོས་ཁྲིམས་བཟོས། ཁྲིམས་དེ་ཏང་ལ་མི་ཁྱབ། དམར་ཤོག་ནང་བཞིན་རང་ཉིད་ཁྲིམས་ཀྱིས་གཉའ་ལ་བཞོན་ནས་མི་མང་ལ་དབང་སྒྱུར་བྱེད་ ཀྱི་མེད། རྒྱ་ནག་ནང“ ཁྲིམས་ཀྱི་སྒང་ན་མེ་མདའ་ཡོད། མེ་མདའི་སྒང་ན་ཏང་ཡོད ”ཟེར་བ་བཞིན་དྲག་ཤུགས་ལ་བརྟེན་ནས་མི་ དམངས་ལ་དབང་སྒྱུར་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ལ“ རྩ་ཁྲིམས་དང་ ཏང་སྒྲིག ”ཟེར་བའི་ཁྲིམས་གཞི་ཆེན་པོ་གཉིས་ཡོད། དེ་དག་ལས་གུང་ཁྲན་ཏང་གི་སྒྲིག་གཞིའི་འགོར། “ ཀྲུང་གོ་གུང་ཁྲན་ ཏང་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་འགོ་ཁྲིད་ གཙོ་བོ་དེ་ཡིན ”ཞེས་རང་ཉིད་རང་གིས་འགོ་ཁྲིད་དུ་བསྐོས་འདུག་པ་ དང༌། དེ་ལྟར་ཡང་རྩ་ཁྲིམས་དོན་ཚན་དང་པོའི་ནང༌། “ ཀྲུང་ ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་པ་གྲལ་རིམ་གྱིས་འགོ་ཁྲིད་བྱས་པ་དང་ བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་ འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན ”ཞེས་ བཟོ་བ་གྲལ་རིམ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་སྲིད་དབང་སྒེར་ འཛིན་ཞིག་ཡིན་ཚུལ་གསལ་འདུག་ཀྱང༌། དོན་དངོས་སུ་རྒྱ་ནག་དམར་ཤོག་དེ་བཟོ་བ་དང་ཞིང་པའི་གྲལ་རིམ་གྱི་འཐུས་ཚབ་བྱེད་ ཐུབ་ཡོད་དམ་ཞེ་ན། གཏན་ནས་མེད་དེ། དེང་རྒྱ་ནག་ནང་བཟོ་བ་ལ་ལས་མེད་དང་ལས་གླ་དམའ་བའི་དཀའ་ངལ། ཞིང་པ་རྣམས་ས་ཞིང་ཤོར་ཞིང་ལས་མེད་སྤྲང་འཁྱམས་སུ་གྱུར་པའི་དཀའ་ངལ་ཤུགས་ཆེན་ འཕྲད་དེ་རྔམ་སྟོན་ཁྲོམ་སྐོར་ཉིན་ལྟར་རྒྱུན་ཆད་མེད་པར་འབྱུང་བཞིན་པ་འདིས་ གནད་དོན་དེ་ར་སྤྲོད་བྱེད་ཐུབ། ཀྲུང་གོའི་བཟོ་བའི་མཐུན་ཚོགས་ཀྱི་སྒྲིག་གཞིའི་ནང༌། “ ཀྲུང་ གོའི་བཟོ་བའི་མཐུན་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་བཟོ་ལས་པས་ རང་མོས་མཉམ་འབྲེལ་བྱས་པའི་བཟོ་བ་གྲལ་རིམ་གྱིས་མང་ཚོགས་ཀྱི་སྒྲིག་འཛུགས་ཤིག་ ཡིན། དེ་ནི་ཏང་གིས་ལས་བཟོ་དང་མང་ཚོགས་ལ་འབྲེལ་བ་བྱེད་སའི་ཟམ་པ་དང་འབྲེལ་ཐག་ཅིག་ ཡིན་ལ། རྒྱལ་ཁབ་ཀྱི་སྲིད་དབང་གི་སྤྱི་ཚོགས་རྒྱབ་རྟེན་གཙོ་བོ་དང༌། ཚོགས་མི་དང་ལས་བཟོ་བའི་ཁེ་ཕན་གྱི་ངོ་ཚབ་བཅས་ཡིན། ཚོགས་པ་དེ་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་འགོ་ཁྲིད་བྱ་དགོས། ” ཞེས་བཟོ་བའི་མཐུན་ཚོགས་ཟེར་བ་དེ་དོན་དམ་པར་དམར་ཤོག་ཚོགས་པས་བཟོ་བ་ གྲལ་རིམ་གྱི་མིང་གཡར་ནས་དེའི་འཐུས་ཚབ་བྱེད་པ་དང༌། བཟོ་བ་གྲལ་རིམ་གྱི་ཁེ་ཕན་ཡོངས་རྫོགས་བཟོ་བ་རང་ཉིད་མ་ཡིན་པར་ཏང་གི་སྒྲིག་ འཛུགས་བརྒྱུད་དགོས་པའི་གཡོ་ཇུས་དེ་མཐོང་ཐུབ། དེ་ བཞིན་རྒྱ་ནག་ནང་ཞིང་པའི་གནས་སྟངས་ཀྱང་ཧ་ཅང་ཡིད་སྐྱོ་བའི་ཚད་དུ་སླེབས་ཡོད། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢ ཉིན་ཀྲུང་གོའི་ཞིང་ལས་པུའུ་ཡི་བསྡུ་རུབ་བྱས་པའི་རྒྱ་ནག་ནང་ཞིང་པ་ལས་གླ་བ་ གྲོང་ཁྱེར་ནང་ལས་མེད་གྱུར་ཏེ་གྲོང་གསེབ་ནང་ཕྱིར་ལོག་པའི་མི་འབོར་ནི་ཁྲི་ ༢༠༠༠ ཡོད་པ་དང༌། ཟླ་༢ ཚེས་༢༨ ཉིན་སྲིད་བློན་ཝུན་ཅ་པའོ་ཡིས་གོང་གསལ་མི་འབོར་དེ་ཡང་ཚད་ལྡན་ཞིག་མིན་ཚུལ་ དང༌། འཛམ་གླིང་དཔལ་འབྱོར་ཉམས་དམས་རྐྱེན་གྱིས་ཞིང་པ་ལས་གླ་བར་ལས་ཤོར་གྱི་གནོད་ སྐྱོན་ཆེན་པོ་ཐེབས་ཡོད་ཚུལ། “ ཁྱེད་ཚོས་མེས་རྒྱལ་འཛུགས་སྐྲུན་ ཆེད་ཤེད་ཤུགས་ཆེན་པོ་ཕུལ་ཡོད། ཁྱེད་ཚོ་རྟག་པར་བཟོ་གྲྭ་དང༌། གཏེར་ས། ལས་ཤུགས་ལྗིད་པའི་ས་གནས་སུ་བསྡད་ཡོད། གྲོང་ཁྱེར་གྱི་ཁང་བརྩེགས་ཆེན་པོ་རྣམས་ཁྱེད་ཚོས་བཟོས་པ་རེད། ཆེས་ལྗིད་པ། ཆེས་རྫོབ་པ། ཆེས་ངལ་དུབ། ཆེས་ཉེན་ཁ་ཅན་གྱི་ལས་ཀ་ཚང་མ་ཁྱེད་ཚོས་བྱས་ཡོད ”ཅེས་བརྗོད་ཡོད། འདིར་དྲི་བ་ཞིག་ ནི། འདི་ལྟར་ཆེས་ལྗིད་པ། ཆེས་རྫོབ་པ། ཆེས་ངལ་དུབ། ཆེས་ཉེན་ཁ་ཅན་གྱི་ལས་ཀ་ཚང་མ་ཞིང་པ་ལས་གླ་ཚོས་བྱ་དགོས་པ་དང༌། ཁོང་ཚོའི་ལས་གླ་ཆེས་དམའ་བའི་ཐོག ཉེན་ཁ་འཕྲད་སྐབས་གྱོང་རག་མཁན་ཡང་རྒྱ་ཆེའི་ཞིང་པ་རྣམས་ཡིན་དགོས་པའི་རྒྱུ་ མཚན་ཅི་ཡིན་ནམ། འདི་ནི་དེང་གི་རྒྱ་ནག་གུང་ཁྲན་ཏང་གི་གདོང་རིས་ངོ་མ་དེ་ཡིན། སྔོན་ ཆད་ཀྱི་དམར་ཤོག་དང་དེང་གི་དམར་ཤོག་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་དེ་ནི། སྔོན་གྱི་དམར་ཤོག་ནང་འབྱོར་མེད་གྲལ་རིམ་དང་བཟོ་ཞིང་མི་སྣ་མང་ཞིང༌། དེང་གི་དམར་ཤོག་ལྟ་ཅི་སྨོས། དམར་ཤོག་ཚོགས་མི་མང་ཆེ་བའི་གཉེན་ཉེ་འབྲེལ་དང་བཅས་པ་འབྱོར་ལྡན་གྲལ་རིམ་དུ་ གྱུར་ཏེ་ཀྲུང་གོའི་དབང་འཛིན་པའི་ཆ་ཤས་སུ་གྱུར་ཡོད་པས། རྩ་ཁྲིམས་ནང་བཟོ་བས་འགོ་ཁྲིད་དང་བཟོ་ཞིང་མནའ་འབྲེལ་གྱི་རྨང་གཞི་སོགས་ཚིག་ འབྲུ་བཀོད་དེ། རྒྱ་ནག་གི་སྲིད་དབང་འཛིན་མཁན་དེ་དམར་ཤོག་ཚོགས་པ་མ་ཡིན་པར“ བཟོ་ཞིང་མི་དམངས ”ཡིན་ པའི་རྣམ་པ་ཞིག་རྫུན་བཟོ་བྱས་ཡོད་ཀྱང༌། དོན་དངོས་སུ་བཟོ་ཞིང་གྲལ་རིམ་ལ་གཉའ་གནོན་དང་བཤུ་བཞོག་བྱེད་མཁན་ཡིན་པ་ནི། འཛམ་གླིང་ནང་བཟོ་ཞིང་མི་མང་གི་ལས་གླ་དམའ་ཞིང་ཐོབ་ཐང་ཆེས་དམན་པ་རྒྱ་ནག་ཡིན་ སྟབས། རྒྱལ་སྤྱིའི་ནང་རྒྱ་ནག་གི་ཅ་དངོས་ཅེས་རིན་གོང་ཆུང་ཤོས་སུ་བརྩི་བཞིན་ཡོད། ཡེ་ རྡོར་གྱི་རྩོམ་ཡིག་དེའི་ནང་དོན་གཙོ་བོ་ཁག་ལྔ་ཡོད་ཅིང༌། འདིར་དོན་ཚན་སོ་སོའི་ནང་དོན་ཕྱོགས་བསྡོམས་ཀྱིས་བགྲོ་གླེང་བྱས་པ་གཤམ་གསལ།

༡ " ཏཱ་ལའི་སྲིད་དབང་སྒེར་གཅོད་ཀྱི་ཁྲིམས་གཞི་ནུས་ཤུགས་གང་ཡོད་ཀྱིས་བཟོས་ པ " ཟེར་བའི་སྐོར།

དོན་ཚན་འདིའི་ནང༌། ཕྱི་ལོ་༡༩༦༣ ལོའི་རྩ་ཁྲིམས་དོན་སྙིང་ནང༌། “བོད་སྲིད་གཞུང་གི་དབང་ཆ་གཙོ་བོ་ཏཱ་ལའི་བླ་མར་ཡོད ”ཅེས་ གསལ་ཚུལ་དང༌། ཕྱི་ལོ་༡༩༩༡ ལོའི་བཙན་བྱོལ་བོད་མིའི་རྩ་ཁྲིམས་ནང་སླར་ཡང་ྋགོང་ས་མཆོག་ལ་དམིགས་བསལ་སྐུ་ དབང་མང་པོ་ཕུལ་ཡོད་ཚུལ་བརྗོད་ཡོད། གལ་ ཏེ་ཡེ་རྡོར་གྱིས་བཤད་པ་ལྟར་བྱས་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཁྲིམས་ཡིག་མང་དག་ཅིག་བཟོས་ཡོད་པའི་དམིགས་ ཡུལ་ནི་ྋགོང་ས་མཆོག་ལ་སྐུ་དབང་འབུལ་རྒྱུའམ། ཡང་ན་སྐུ་དབང་བརྟན་པོ་བཟོས་པའི་བྱ་སྤྱོད་ཅིག་ཆེད་ཡིན་ཚུལ་བརྗོད་ཡོད། དེ་ཡང་༡༩༦༣ ལོའི་བཅའ་ཁྲིམས་ཟིན་བྲིས་དང༌། ༡༩༩༡ ལོའི་བསྐྱར་བཅོས་གཉིས་ཀྱི་རྒྱུ་འབྲས་གོ་རིམ་ཆེད་མངགས་གནོག་བསུབ་བཏང་སྟེ། ཁྲིམས་ཡིག་མི་འདྲ་བ་གཉིས་བཟོས་པའི་བཟོ་ལྟ་བཏོད་དེ། ྋགོང་ས་ཏཱ་ལའི་བླ་མར་ཁྲིམས་ཡིག་དེ་གཉིས་ཀའི་ནང་སྔར་མེད་པའི་དམིགས་བསལ་སྐུ་ དབང་མང་པོ་ཕུལ་ཡོད་པའི་སྣང་བ་སྟེར་ཐབས་བྱས་ཡོད། ལར་ ྋགོང་ས་ཏཱ་ལའི་བླ་མར་སྐུ་དབང་ཅི་ཙམ་ཡོད་མེད་རྒྱ་ནག་གཞུང་གིས་མ་ཤེས་པ་མིན་ པས། “ གྲོས་མཐུན་དོན་ཚན་བཅུ་བདུན ”ནང“ ཏཱ་ ལའི་བླ་མའི་སྔར་ཡོད་ཀྱི་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བཅོས་སྒྱུར་མི་ བྱེད”ཅེས་གསལ་ཡོད། ྋགོང་ས་ཏཱ་ལའི་བླ་མ་རིམ་བྱོན་ལ་བོད་ཀྱི་ཆོས་སྲིད་ཀྱི་སྐུ་དབང་གཙོ་བོ་ཡོད་པ་ རྒྱ་ཕྱོགས་ནས་ཀྱང་ཁས་བླངས་ཡོད་པ་མ་ཟད། སྐུ་དབང་ལ་སྒྱུར་བཅོས་མི་གཏོང་བའི་ཁས་ལེན་ཡང་བྱས་ཡོད། རྒྱ་ནག་གཞུང་ གིས་ཕྱོགས་གཅིག་ནས་བོད་མི་མང“ བཅིངས་འགྲོལ ”བཏང་ སྟེ་བདེ་སྐྱིད་དཔག་མེད་བསྐྲུན་པར་འུད་སྒྲོག་བྱེད་པ་དང༌། ཕྱོགས་གཞན་ནས“ བོད་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་གཏོང་མཁན་གྱི་མངའ་བདག་ཆེ་ཤོས ”སུ་སྒྲོག་པའི་ྋརྒྱལ་བ་པཎ་ཆེན་གཉིས་ཀྱི་སྐུ་དབང་དང་མཚན་གནས་རང་འཇགས་ འཇོག་རྒྱུ་ཁས་ལེན་བྱས་པ་འདིས། དོན་དངོས་སུ་རྒྱ་ནག་གིས་བཅིངས་འགྲོལ་བཏང་བ་དེ་ནི“ བོད་མི་མང་ གི་བདེ་སྡུག”ལ་སེམས་ཁུར་བྱས་པ་ཞིག་མ་ཡིན་པར། བོད་ལ་དབང་སྒྱུར་བྱ་ཆེད་ཡིན་པ་གསལ་རྗེན་དུ་བསྟན་པ་དང་ཆབས་ཅིག ལོ་རྒྱུས་ཐོག་ྋགོང་ས་རྒྱལ་བ་རིན་པོ་ཆེར་སྐུ་དབང་ཆེ་བའི་རྒྱུ་མཚན་ཡང་བོད་ རྒྱ་ཆེའི་མི་མང་གི་རེ་འདུན་དང་ཡོངས་སུ་མཐུན་པ་བསྟན་ཡོད། བོད་ རྒྱ་ཆེའི་མི་མང་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་བོད་ཀྱི་ཆོས་སྲིད་ཀྱི་དབུ་ ཁྲིད་དུ་བཀུར་བར“ སྲིད་དབང་སྒེར་སྤྱོད”རེད་ཅེས་ མཚན་ སྨད་ཞུ་བ་དང༌། བོད་དུ་རྒྱ་ནག་དམར་ཤོག་གིས་སྲིད་དབང་སྒེར་སྤྱོད་བྱས་པར་བསྟོད་པ་གཏོང་བ་ནི། དོན་དངོས་སུ་སྲིད་དབང་སྒེར་སྤྱོད་སུ་ཡིན་མིན་གལ་ཆེན་པོ་མ་ཡིན་པར། སྲིད་དབང་སུའི་ལག་ཏུ་ཡོད་མིན་དེ་གལ་ཆེར་བརྩིས་ཡོད་པས། འདི་ལས་སྨྱོ་ཧམ་ཆེ་བའི་སྤྱོད་ཚུལ་ཞིག་མེད་པས་རྗོད་མཁན་གྱི་རང་གཤིས་གསལ་ལེར་ མངོན་ཡོད། རྒྱ་ ནག་དམར་ཤོག་གིས་རང་ཉིད་ཀྱི་རྒྱ་ནག་ཐོག་སྒེར་སྤྱོད་བྱས་པར་དཀར་འདོན་གྱིས་ ཚུལ་མཐུན་ཁྲིམས་མཐུན་ཞིག་ཏུ་འགྱུར་རྒྱུའི་ཐབས་ལམ་རིམ་ཅན་དུ་སྤེལ་ཡོད། དེ་དག་ལས་བྱེད་ཐབས་གཅིག་ནི། སྤྱི་ཚོགས་རྙིང་པ་དང་ལུགས་སྲོལ་རྙིང་པར་སྐྱོན་བརྗོད་ཀྱིས་ནག་ཉེས་འུད་སྒྲོག་ བྱས་པ་བརྒྱུད་རྒྱ་དམར་རང་གི་སྲིད་དབང་སྒེར་སྤྱོད་ལུགས་མཐུན་ཅན་དུ་སྒྱུར་ ཐབས་བྱེད་པ་དེ་ཡིན། དོན་དངོས་ཐོག་སྐྱོན་བརྗོད་དང་ཐེར་འདོན་བྱེད་ན་སྐྱོན་བརྗོད་བྱ་ཡུལ་རང་གི་བྱ་ སྤྱོད་གཙོ་བོར་འཛིན་དགོས་པ་ལས། སྐབས་དེའི་ཉེས་སྐྱོན་ཡོད་ཚད་ཕ་རོལ་པོའི་སྟེང་དུ་སྤུངས་ཐབས་བྱེད་པ་དེ་ནི་ “ སྐྱོན་བརྗོད་ཀྱི་ཆེད་དུ་སྐྱོན་བརྗོད་བྱབྱབྱས་པ་ཞིག་ཡིན་པ་ལས། དོན་དངོས་དང་མཐུན་པའི་སྐྱོན་བརྗོད་ཅིག་ཏུ་ག་ལ་འགྱུར། དེར་བརྟེན། “ ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་སྤྱོད ”རེད་ ཅེས་སྙོན་འཛུགས་བྱས་པ་དེ་ཡང་རྩོམ་པ་པོས་ྋགོང་ས་ཏཱ་ལའི་བླ་མར་མཚན་སྨད་བྱས་ ཏེ། རྒྱ་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་ཙམ་ལས། དོན་དངོས་ཐོག་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ནག་དམར་ཤོག་དང་དེའི་རྒྱུགས་ཁྱི་ ཚོའི་བྱེད་བབ་དང་ཕུག་དམིགས་གསལ་པོར་ཤེས་སྟབས། ཡེ་རྡོར་ཟེར་བའི་རྫུན་མིང་འོག་བྲིས་པའི་རྩོམ་ཡིག་ནང་ཕ་རོལ་པོ་སྲིད་དབང་ སྒེར་སྤྱོད་ཡིན་པར་བཀོད་པ་དེར་ཡིད་ཆེས་བྱེད་མཁན་ལྟ་ཞོག བོད་ནང་གི་སློབ་མ་དང་ཤེས་ལྡན་མང་པོས་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་ མཐུད་དུ་བྱུང་དང་འབྱུང་བཞིན་ཡོད།

༢། “ལྷ་དབང་དང་ཁྱིམ་ རྒྱུད་དབང་སྒྱུར་གྱི་རྣམ་པ་གཏིང་ཟབ་ལྡན་པ།"

ཡེ་ རྡོར་གྱིས། ཏཱ་ལའི་བླ་མ་མི་སྒེར་ཆེས་མཐོའི་གཙོ་འཛིན་ཡིན་པ་སྨོས་མེད་ཕུད། སྲིད་གཞུང་ནང་བཀའ་བློན་ཁྲི་པ་དང་བཀའ་བློན་ཐུབ་བསྟན་ལུང་རིགས་གཉིས་ཀྱང་ཝར་ཎ་ མཐོ་རིམ་ནང་བསྟན་སློབ་གླིང་ནས་གསོ་སྐྱོང་བྱས་ཡོད་ཚུལ། ྋགོང་ས་མཆོག་གི་སྐུའི་གཅེན་གཅུང་བདུན་ཡང་དབང་ཆའི་བདག་པོར་གྱུར་ཡོད་ཚུལ་གྱི་ ལོ་རྒྱུས་ཁ་སྒྲུག་སྣ་སྒྲུག་བྱས་ཡོད། དགོད་ བྲོ་བ་ཞིག་ལ། ཡེ་རྡོར་ལ་དེང་སྐབས་ཀྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲོད་ྋགོང་ས་མཆོག་ གི་ཁྱིམ་རྒྱུད་དབང་སྒྱུར་གྱི་དཔེ་མཚོན་སྣ་གཅིག་ཀྱང་མ་རྙེད་སྟབས། ཨུ་ཐུག་ཐབས་ཟད་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་ཤེས་རིག་བཀའ་བློན་ཐུབ་ བསྟན་ལུང་རིགས་གཉིས་བགྲངས་འདུག་པ་དང༌། སྐུའི་ གཅེན་པོ་རྒྱལ་ལོ་དོན་གྲུབ་ལ་བྱབྱལྡི་ལི་ལ་ཁང་པ་གཅིག་ཡོད། ཧོང་ཀོང་ལ་ཁང་པ་གཅིག་ཡོདབྱབྱཅེས་ནག་ཉེས་ཡིན་མདོག་གིས་གྲངས་ཀ་བགྲངས་འདུག་ ཀྱང༌། མི་ཡིན་ན་ཁང་པ་ལོས་དགོས། རྒྱ་ནག་ནང་མི་སྒེར་ལ་ཁང་པ་དུ་མ་ཡོད་པ་ནག་ཉེས་སུ་བརྩི་གི་ཡོད་དམ། མེད་ན་ཁང་པའི་འགྲོ་གྲོན་ནང་གཞུང་དངུལ་བཏང་བ་ཁུངས་སྐྱེལ་ཐུབ་བམ། ཐུབ་ན་དཔང་རྟགས་དང་བཅས་བཤད་དགོས་བཤད་མི་འདུག མི་ཐུབ་ན་དོན་མེད་སྐྱོན་འཛུགས་ཀྱི་རང་གཤིས་རྗེན་པར་བསྟན་ཡོད་པས་རང་མགོར་ཆུ་ འདྲེན་ཟེར་བའི་དཔེ་རུ་གྱུར། ྋགོང་ ས་མཆོག་གི་ཁྱིམ་རྒྱུད་དབང་སྒྱུར་ར་སྤྲོད་བྱ་ཆེད། ཡེ་རྡོར་གྱིས་བཙན་བྱོལ་ནང་འདས་པའི་ལོ་ངོ་ལྔ་བཅུའི་རིང་ྋགོང་ས་མཆོག་གི་ སྐུའི་གཅེན་གཅུང་རྣམ་པའི་ཕྱག་ལས་གནང་བའི་ལས་གནས་རྣམས་རེ་རེ་བཞིན་བགྲངས་ཏེ། ༡༩༩༣ ལོར་འགོ་གཙོ་བྱས་པ་དང༌། བཀའ་བློན་བྱས་པ་རེད། ཐ་ན་བུད་མེད་ཚོགས་པའི་ཚོགས་གཙོ་བྱས་པ་རེད། གཞོན་ནུ་ཚོགས་པའི་ཚོགས་གཙོ་བྱས་པ་རེད་ཅེས་ལོ་ངོ་ལྔ་བཅུའི་རིང་ཁྱིམ་རྒྱུད་ རྩ་ལག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་གནས་ཚང་མ་ནག་ཉེས་ཡིན་མདོག་ བསྟན་འདུག་པ་མ་ཟད། སྐུའི་གཅུང་མོ་རྗེ་བཙུན་པདྨས་བོད་ཕྲུག་ཁྱིམ་སྡེ་བཙུགས་པ་ནི་ཕྱི་རྒྱལ་གྱི་ རོགས་སྐྱོབས་ལྐོག་ཟ་བྱས་པར་སྐྱོན་འཛུགས་བྱས་པ་བཅས་མདོར་ན་ྋགོང་ས་མཆོག་ཁྱིམ་ རྒྱུད་ཀྱིས་བཙན་བྱོལ་སྤྱི་ཚོགས་ལ་དབང་སྒྱུར་བཞིན་ཡོད་པའི་རྣམ་པ་རྫུན་མ་ཞིག་ གསར་བཟོ་གང་ཐུབ་བྱས་ཡོད། ལས་ གནས་ཚང་མ་གོང་རིམ་ནས་བཀོད་སྒྲིག་བྱས་པ་ཡིན་ཤག་ཤག་གི་དབང་དུ་བཏང་ནས་བཤད་ སྟངས་དེ་ནི་སྐུ་ཞབས་ཡེ་རྡོར་ལགས་དམར་པོའི་སྲིད་དབང་སྒེར་སྤྱོད་ཀྱི་རྒྱུན་ སྲོལ་ལ་གོམས་འདྲིས་ཆེ་བའི་བག་ཆགས་ཀྱིས་དེ་ལྟར་མཐོང་སྲིད་ན་མ་གཏོགས། མང་གཙོ་སྒྲིག་འཛུགས་ནང་བཀའ་བློན་དང་ཚོགས་གཙོ་སོགས་འོས་འདེམས་བྱ་བའི་སྲོལ་མ་ གཏོགས་ཐད་བསྐོ་མི་བྱེད། གལ་ སྲིད་ཐད་བསྐོས་དགོས་ཚེ་འབྲེལ་ཡོད་ཁྲིམས་གཞིའི་འོག་བྱ་རྒྱུ་མ་གཏོགས་དམར་ཤོག་ ཚོགས་པའི་བྱེད་ཐབས་ལྟར་སྤྱི་ཚོགས་ཁྲོད་ལས་གནས་གནད་ཡོད་ཡོད་ཚད་ཏང་གིས་བཀོད་ སྒྲིག་བྱ་སྲོལ་མེད། ད་བར་རྒྱ་ནག་གི་ སྐྱོན་བརྗོད་བྱེད་མཁན་ཚང་མས་ྋགོང་ས་མཆོག་སྐུ་འཁོར་ནས་བོད་སྤྱི་པའི་ལས་དོན་ བྱས་ན་“ ཁྱིམ་རྒྱུད་དབང་སྒྱུར ” གྱི་ཉེས་མིང་ གཡོགས་པ་དང༌། མ་བྱས་པ་རྣམས་ལ“ རང་དོན་ཁོག་འཆང ”གི་ ཞྭ་མོ་གཡོགས་པ་བཅས་སྡིགས་མོ་དང་སྐུར་འདེབས་ཀྱི་ལོ་འཁོར་རྒྱུན་མར་བསྐོར་ཡོད་ ནའང༌། དོན་དངོས་སུ་རྒྱ་ནག་གཞུང་གིས་ཞེ་ལ་མ་འཐད་པ་ནི་ “ ཁྱིམ་ རྒྱུད་དབང་སྒྱུར ”དང“ ལྷ་དབང ” “ བཀས་ བཀོད་རྒྱུད་འཛིན ”སོགས་མ་ཡིན་པར། ཡང་སྙིང“བོད་ པས་བོད་པར་དབང་སྒྱུར་ན་མ་འོས་པ་དང༌། རྒྱ་མིས་བོད་པར་དབང་སྒྱུར་ན་འོས་པ ”ཟེར་བ་འདིར་ཐུག་ཡོད། རྒྱ་ནག་གིས་བོད་“ བཅིངས་འགྲོལ ”བཏང་ ནས་ལོ་ངོ་དྲུག་ཅུ་འཁོར་བར་དགའ་སྟོན་བྱེད་ཀྱི་ཡོད་ཀྱང༌། དོན་དངོས་སུ་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་མི་ཚོས་རང་ཡུལ་དུ་རང་གི་སྐད་ ཡིག་བཀོལ་སྤྱོད་ཀྱང་བྱེད་ཐུབ་མེད། དེ་ལས་ལྡོག་སྟེ། ལོ་ངོ་དྲུག་ཅུའི་གོང་རོལ་ནས་བོད་ཡིག་གསར་བཟོ་མཛད་པའི་དུས་རབས་བདུན་པ་བར་ བོད་ཆོལ་གསུམ་ས་ཁུལ་གང་དུ་ཕྱིན་ཀྱང་བོད་ཡིག་བཀོལ་སྤྱོད་བྱས་ཡོད་ལ། བཙན་བྱོལ་བོད་མིའི་སྲིད་གཞུང་སྒྲིག་འཛུགས་ཡོངས་རྫོགས་ནང་བོད་ཡིག་བཀོལ་ སྤྱོད་འཐུས་གཙང་ཡོང་ཐུབ་ས་ཞིག་ལ། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་ནང་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ གམ།

༣ “རང་ཉིད་ཀྱི་བསམ་ཚུལ་དང་མི་མཐུན་པར་ཆབ་ སྲིད་དང་ཆོས་ལུགས་ཀྱིས་གནོད་འཚེ་གཏོང་བ ” ཟེར་བའི་སྐོར།

ཡང་ཡེ་རྡོར་ གྱིས། “ དུས་ ཡུན་རིང་པོའི་ནང་ཏཱ་ལའི་རུ་ཚོགས་ཀྱིས་ཁོ་པའི་སྲིད་དབང་སྒེར་འཛིན་དབང་སྒྱུར་ རྒྱུན་འཁྱོངས་བྱ་ཆེད་ཆབ་སྲིད་དང་ཆོས་ལུགས་ཐད་ཀྱི་བསམ་འཆར་མི་མཐུན་པ་ཡོད་ མཁན་ལྐོག་གསོད་དང་དུག་སྟེར་བ་སོགས་ཀྱི་ཐབས་ངན་སྤྱད་དེ་གདུག་རྩུབ་ཆེ་བའི་ གནོད་འཚེ་གཏོང་གི་ཡོད ” ཅེས་དང༌། དེའི་སྒྲུབ་བྱེད་དུ་གུང་ཐང་ཚུལ་ཁྲིམས་དང་ལི་ཐང་ཨ་ཐར་གཉིས་གཏུམ་སྤྱོད་ངང་ བསད་ཚུལ་དང༌། ལོ་རབས་དགུ་བཅུ་པའི་མཇུག་ཏུ་ཀུན་བདེ་གླིང་ལ་རྨས་སྐྱོན་བཟོས་ཚུལ། ཁྲི་བྱང་དང་སུམ་བུ་གཉིས་དཀྲོང་རྒྱུའི་འཇིགས་སྣང་སྐུལ་ཚུལ་བཅས་རིམ་ཅན་དུ་ བྲིས་ཡོད། འོ་ན་གནས་ཚུལ་འདི་དག་བདེན་པ་ཡིན་ནམ་ཞེ་ན། དེ་ཁུངས་སྐྱེལ་བྱ་ཆེད་ཡེ་རྡོར་གྱིས། “ ཏཱ་ ལའི་རུ་ཚོགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ཁོངས་མིའི་གྲས་ཤིག་ཡིན་པའི་འཆི་མེད་ ཚེ་རིང་གིས་བོད་མི༡༠ཡིས་ཏཱ་ལའི་བླ་མའི་བསམ་འཆར་ལ་མོས་མཐུན་མ་བྱས་སྟབས་སྔ་ རྗེས་སུ་བཀྲོངས་པ་རེད་ཅེས་དངོས་སུ་དཔང་པོ་བྱས་ཡོད” ཅེས་བྲིས་ ཡོད། གོང་ གསལ་བཤད་ཚུལ་རྣམས་ལས་ཁུངས་བཙན་ཤོས་དེ་རྒྱ་གཞུང་གི་གསོས་ཕྲུག་དོལ་རྒྱལ་ཚོགས་ པའི་དྲུང་ཆེ་འཆི་མེད་ཚེ་རིང་བྱས་ཡོད་འདི་ཁོ་ནས་ཀྱང༌། ཡེ་རྡོར་གྱི་སྐད་ཆར་ཁུངས་ལུང་སྤུ་ཙམ་མེད་པ་ཤེས་ཐུབ། དེ་མིན་ཀུན་བདེ་གླིང་གི་སྐོར་ཁོང་གི་རང་རྣམ་ལོ་རྒྱུས་སུ་གཟིགས་དང༌། ཁྲི་བྱང་དང་སུམ་བུའི་སྐོར་ཁྲི་བྱང་རིན་པོ་ཆེ་རང་གི་ཕྱག་དེབ་དང་སྒྲ་ཕབ་ནང་ གསལ་པོ་ཡོད། ལི་ཐང་ཨ་ཐར་སྐོར་དེ་སྔོན་ནས་ཆུ་སྒང་ཚོགས་པ་ནང་ཁུལ་ཐག་གཅོད་ འཐུས་གཙང་ཕྱིན་ཡོད་པ་མ་ཟད། ཨ་ཐར་གྲོངས་ཁར་ྋགོང་ས་མཆོག་གིས་དམིགས་བསལ་མཇལ་འཕྲད་བཀའ་དྲིན་སྩལ་ཡོད་པས། ཨ་ཐར་གཞན་གྱིས་གྲོངས་པའི་སྐད་ཆ་སྨྱོ་གཏམ་རང་དུ་ཟད། འོ་ན། ཡེ་རྡོར་གྱི་འཆལ་གཏམ་དེ་དག་ལ་ཁུངས་སྐྱེལ་གང་ཡོད་དམ་ཞེ་ན། “ ཏཱ་ ལའི་རུ་ཚོགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ཁོངས་མིའི་གྲས་ཡིན་པའི་འཆི་མེད་ཚེ་ རིང་གིས་བོད་མི་༡༠ཡིས་ཏཱ་ལའི་བསམ་འཆར་ལ་མོས་མཐུན་མ་བྱས་སྟབས་སྔ་རྗེས་སུ་ བཀྲོངས་པ་རེད་ཅེས་དངོས་སུ་དཔང་པོ་བྱས་ཡོད ” ཅེས་ ལྡི་ལིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་རོགས་རམ་ཤུགས་ཆེན་བྱ་ཡུལ་གྱི་ དོལ་རྒྱལ་ཚོགས་པའི་དྲུང་ཆེ་འཆི་མེད་ཚེ་རིང་ནི། ཡེ་རྡོར་གྱིས་ཁུངས་སྐྱེལ་ས་དང་དཔང་པོར་བཅོལ་ས་མཐའ་མ་དེ་ཆགས་ཡོད། གལ་སྲིད་མི་༡༠བསད་པ་དེ་བདེན་པ་ཡིན་ན་འཆི་མེད་ཚེ་རིང་ཁོང་གིས་རྒྱ་གར་ཁྲིམས་ སར་གཏུགས་བཤེར་མི་བྱེད་དོན་ཅི། ཡང་ ཕྱོགས་གཞན་ནས་བཤད་ན། གནད་དོན་དེ་རིགས་ནི་དོལ་རྒྱལ་ཚོགས་པའི་དྲུང་ཆེ་འཆི་མེད་ཚེ་རིང་གི་སྐད་ཆ་མ་ ཡིན་པར། གོང་གསལ་མི་སྣ་དེ་དག་རང་རང་གི་ལོ་རྒྱུས་ཀྱིས་ཐད་ཀར་ལན་འདེབས་བྱ་ཐུབ་པ་ཡིན། ལྷག་པར་འཆི་མེད་ཚེ་རིང་སོགས་དོལ་རྒྱལ་ཚོགས་པས་དྷ་སར་འཇབ་རྒོལ་གྱིས་རིགས་ལམ་ སློབ་དཔོན་རྒན་བློ་བཟང་རྒྱ་མཚོ་དང་ཁོང་གི་དགེ་ཕྲུག་གཉིས་བཅས་དྷ་ས་གཙུག་ལག་ ཁང་འགྲམ་དུ་དམར་གསོད་བཏང་ཡོད་ཅིང༌། དམར་གསོད་གཏོང་མཁན་གྱི་ལག་དམར་དེ་དག་རྒྱ་གར་སྐོར་སྲུང་བས་འཚོལ་ཞིབ་བྱེད་ སྐབས། བལ་ཡུལ་བརྒྱུད་རྒྱ་ནག་ནང་བྲོས་བྱོལ་ཕྱིན་འདུག་པ་དང༌། ཁོང་ཚོར་རྒྱ་གཞུང་གིས་བྱ་དགའ་དང་སྤྲོ་འཆམ་ལ་ཁྲིད་ཡོད་པའི་གནས་ཚུལ་བྱུང་ནས་ ལོ་ངོ་བཅུ་ལྷག་ལས་སོང་མེད། ལར་ནས་ཡེ་རྡོར་གྱིས་ྋགོང་ས་ མཆོག་གིས་བསམ་ཚུལ་མི་མཐུན་མཁན་ལ་གནོད་འཚེ་བཏང་རབ་ཉེས་མིང་གཡོགས་ཆེད་འདས་ པའི་ལོ་ངོ་ལྔ་བཅུའི་ནང་བྱུང་བའི“ ཁ་གཡར་ཁག་འདོགས ”བྱ་ ཡུལ་ཇི་ལྟར་ བཙལ་ཀྱང་གཉིས་གསུམ་ཙམ་ལས་རྙེད་མེད་ལ། དེ་ཚོའི་ཁྲོད་གཞན་དབང་རྐྱེན་ངན་དབང་གིས་འདས་གྲོངས་སུ་ཕྱིན་པ་གུང་ཐང་ཚུལ་ ཁྲིམས་ཁོ་ན་མ་གཏོགས་བྱུང་མེད་པ་མི་སྣ་དེ་དག་གིས་བྲིས་པའི་ལོ་རྒྱུས་རྒྱུ་ཆས་ བདེན་དཔང་བྱ་ཐུབ། ལོ་ངོ་ལྔ་བཅུའི་ནང་ཆབ་སྲིད་ཐོག་རྙོག་དྲ་གཅིག་ཀྱང་བྱུང་མ་ མྱོང་བའི་རྒྱལ་ཁབ་བམ་མི་རིགས་ཤིག་ཡོད་དམ། དེར་བརྟེན། དོན་ཚན་འདིའི་ཐད་ནས་ཀྱང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་བཙན་བྱོལ་བོད་མིའི་ འདས་པའི་ལོ་ངོ་ལྔ་བཅུ་ནི་ཞི་བདེ་དང་འཛུགས་སྐྲུན། འཕེལ་རྒྱས་ཀྱི་ལོ་ངོ་ལྔ་བཅུ་ཡིན་པ་ཤེས་ཐུབ། ཕྱི་ལོ་༢༠༠༢ ལོར་རྒྱལ་སྤྱིའི་སྲོག་ཁྲིམས་ངོ་རྒོལ་མཐུན་ཚོགས་ཀྱིས་ཟླ་༦ ཚེས་༢༨ ཉིན་ཕ་རན་སིའི་རྒྱལ་ས་ཕའེ་རི་སིར་སྙན་ཐོ་གཉིས་པ་འདོན་སྤེལ་བྱས་པའི་ནང༌། ཕྱི་ལོ་༢༠༠༡ ལོར་འཛམ་གླིང་ནང་ཁྱོན་བསྡོམས་མི་༤༧༠༠ ལྷག་ལ་སྲོག་ཁྲིམས་ཕོག་སྟེ་དམར་གསོད་བཏང་ཡོད་པའི་ནང༌། ཨེ་ཤི་ཡ་ཁོ་ནའི་ནང་མི་གྲངས་༤༤༥༢ ཡོད་པ་དང༌། རྒྱ་ནག་སྲིད་གཞུང་གིས་ཉིན་གཅིག་ནང་མི་གྲངས་༢༠༦ སྲོག་ཐོག་བཏང་བའི་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད་འདུག གྲངས་ཐོ་འདི་དག་ནི་རྒྱ་གཞུང་གིས་“ ཁྲིམས་ཐོག ”ནས་ སྲོག་ཐོག་བཏང་བ་ཤ་ སྟག་ཡིན་པ་ལས། དེའི་ཁུངས་འདྲི་གཅོད་དང་བཀག་ཉར། བཙོན་ཁང་སོགས་སུ་འདས་གྲོངས་ཕྱིན་པའི་མི་འབོར་ཚུད་མེད་ལ། ལྷག་པར་འདས་པའི་ཕྱི་ལོ་༢༠༠༨ཁོ་ནར་ཉུང་མཐར་བོད་མི་༡༢༠ ལྷག་དམར་གསོད་བཏང་བ་དང༌། ༡༩༠ ལྷག་ལ་ཁྲིམས་གཅོད། ༦༥༠༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་འདི་དག་བསམ་ཚུལ་མ་མཐུན་པའི་མི་མང་ལ་གདུབ་ རྩུབ་ཀྱིས་སྲིད་བྱུས་སྤེལ་བའི་འོག་བྱུང་བ་བླུན་པོས་བལྟས་པའི་རྒྱལ་ཁམས་ཀྱི་ དཔེ་བཞིན་འཛམ་གླིང་མི་མང་གིས་གསལ་ལེར་མཐོང་ཡོད། འཛམ་གླིང་ནང་ བསམ་ཚུལ་མི་མཐུན་པར་མནར་གཅོད་གཏོང་མཁན་ཁྲོད། རྒྱ་ནག་དམར་ཤོག་སྲིད་གཞུང་ཡང་རྩེར་སོན་ཡོད་པ་ནི། རྒྱ་ནག་ཕྱི་ལོགས་སུ“ རྒྱ་ནག་དམངས་གཙོ་མཉམ་འབྲེལ་ཚོགས་པ ”དང༌།“ དམངས་ གཙོ་གཅིག་སྡུད་འཐབ་ར། ” “ ཧཕ་ལོན་གུང་ཆོས་ཚོགས ”སོགས་ མི་མང་འབུམ་ཕྲག་བརྒལ་པས་རྒྱ་གཞུང་གི་སྲིད་དབང་སྒེར་སྤྱོད་དང་གདུག་རྩུབ་ སྲིད་བྱུས་ལ་ངོ་རྒོལ་བྱས་དང་བྱེད་མུས་ཀྱིས་ར་སྤྲོད་བྱས་ཡོད། ལྷག་ པར་ཕྱི་ལོ་༢༠༠༨ ལོར་བོད་ཆོལ་གསུམ་མི་མང་གིས་གཞི་རྒྱ་ཆེ་བའི་ཞི་རྒོལ་ལས་འགུལ་སྤེལ་བར་རྒྱ་ གཞུང་གིས་རྒྱ་བོད་མི་རིགས་དབར་ཞེ་འཁོན་རྟིང་སྐུལ་བྱས་པ་དང༌། ཕྱི་ལོ་༢༠༠༩ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་པེ་ཅིང་སྲིད་གཞུང་གིས་བོད་ མིའི་སྣང་བརྙན་གདོན་འདྲེ་ཅན་དུ་བསྒྱུར་ནས་དྲག་གནོན་དང་སྡང་ཟུག་བྱེད་པའི་ སྲིད་བྱུས་ཐད་སྐྱོན་བརྗོད་ནན་པོ་བྱས་ཡོད། མདོར་ ན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང༌། རྒྱལ་སྤྱིའི་ཁྲིམས་རྩོད་པའི་ལྷན་ཚོགས། རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས། ཡུ་རོབ་མནའ་འབྲེལ་རྒྱལ་ཚོགས་སོགས་འཛམ་གླིང་གི་ཚོགས་སྡེ་མང་པོས་རྒྱ་ནག་གི་ གདུག་རྩུབ་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་སྐུལ་ཐེངས་མང་བྱས་ཡོད་པ་མ་ གཏོགས། ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་ བོད་གཞུང་ལ་སྐྱོན་བརྗོད་ཀྱི་བརྗོད་ཚིག་ཟུར་ཙམ་ཡང་འདས་པའི་ལོ་ངོ་ལྔ་བཅུའི་ རིང་ཐོན་མྱོང་མེད་པ་དེས་ཀྱང༌། ཡེ་རྡོར་གྱིས་བཤད་པའི“ སྲིད་ དབང་སྒེར་སྤྱོད ”དང་བསམ་ཚུལ་མི་མཐུན་པར་མནར་གཅོད་ཟེར་བ་དངོས་ ཡོད་ཡིན་མིན་ལན་འདེབས་དང་ར་སྤྲོད་བྱས་ཡོད།

༤ “ ལས་ཀ་ཐམས་ཅད་ནི་ཏཱ་ལའི་བླ་མར་ངོ་དགའ་བྱེད་ཆེད་ཁོ་ན་ ཡིན ”ཟེར་བའི་སྐོར།

ཡེ་ རྡོར་གྱིས་སྐབས་འདིར། “ ཏཱ་ལའི་བླ་མས་དུས་རབས་གོང་མའི་ལོ་རབས་ དྲུག་ཅུ་པར་དམངས་གཙོའི་ཚོད་ལྟ་བྱེད་འགོ་ཚུགས་པ་དང༌། ཐ་ན་ད་དུང་བོད་མིར་བོད་ཀྱི་གུང་ཁྲན་ཏང་སོགས་རྩ་འཛུགས་འཛུགས་པ་དང་དེ་བཞིན་ དམངས་ཁྲོད་ཀྱི་གསར་ཤོག་ཁག་གཅིག་གཉེར་ཆོག་པ་བཟོས། འོན་ ཏེ་རྩ་འཛུགས་དང་དེ་བཞིན་གསར་ཤོག་དེ་དག་གིས་ཕྱི་རྒྱལ་དུ་བྲོས་པའི་སྐུ་དྲག་ རྙིང་པ་ཁག་གཅིག་གི་ཁེ་ཕན་ལ་ཕོག་ཐུག་བྱུང་བས་འཇིགས་སྐུལ་སྡིགས་མོ་དང་ཁ་འགོག་ བཀའ་རྒྱ་སོགས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཏེ་སྐྱོན་བརྗོད་ཀྱི་བསམ་འཆར་ཡོད་ པའི་གསར་ཤོག་དང་རྩ་འཛུགས་དེ་དག་གར་སོང་ཆ་མེད་དུ་གྱུར ” ཞེས་ དང༌། དེའི་མཇུག་ཏུ་ < < རང་བཙན་དུས་དེབ > > ཐོག་ ཟུར་ཟའི་རི་མོ་ཞིག་ཐོན་པ་དེ་ཚད་འཛིན་གྱིས་བཙན་བྱོལ་ནང་མང་གཙོའི་ལམ་སྲོལ་ཡང་ དག་མེད་ཚུལ་དང༌།“ ལས་ཀ་ཐམས་ཅད་ཏཱ་ལའི་བླ་མར་ངོ་དགའི་ཆེད་ཁོ་ན་ ཡིན ”ཚུལ་བསྒྲུབ་རྒྱུའི་འབད་པ་བྱས་འདུག གོང་ གི་དོན་ཚན་དང་པོའི་སྐབས་ཡེ་རྡོར་གྱིས་ྋགོང་ས་ཏཱ་ལའི་བླ་མས་ཁྲིམས་ཡིག་བཟོས་ ཏེ་སྲིད་དབང་སྒེར་སྤྱོད་ཧ་ལས་པ་བྱས་ཡོད་ཚུལ་བརྗོད་ཡོད་ནའང༌། སྐབས་འདིར་ཁོང་གིས། ལོ་རབས་དྲུག་ཅུ་པ་ནས་བཟུང་“ མང་གཙོའི་ཚོད་ ལྟ་བྱེད་འགོ་བཙུགས་ཡོད་པ་མ་ཟད། ཐ་ན་བོད་མིའི་ཁྲོད་གུང་ཁྲན་ཏང་གི་སྒྲིག་འཛུགས་ཀྱང་འཛུགས་རྒྱུ་བྱུང་ཡོད ”པའི་ དོན་དངོས་ཁས་བླངས་འདུག་པས། རང་ཁ་རང་གཅོད་དང་རྫུན་རྐུབ་རང་བརྡོལ་དུ་གྱུར་འདུག་པ་མ་ཟད། འདིར་བཀའ་འདྲི་ཞུ་རྒྱུ་ཞིག་ལ། སྲིད་དབང་སྒེར་འཛིན་གྱི་ཉེས་མིང་གཡོགས་ཡུལ་ྋགོང་ས་མཆོག་གིས་མང་གཙོའི་ཚོད་ ལྟ་གནང་བ་དང༌། གུང་ཁྲན་ཏང་གི་སྒྲིག་འཛུགས་ཀྱང་འཛུགས་ཆོག་པ་བྱུང་ཡོད། འོན་ཀྱང་ཕ་རོལ་པོ་སྲིད་དབང་སྒེར་འཛིན་རེད་ཅེས་སྐྱོན་འཛུགས་བྱེད་མཁན་རྒྱ་ནག་ དམར་ཤོག་རང་གིས་མང་གཙོའི་ཚོད་ལྟ་བྱས་མྱོང་མེད་པ་མ་ཟད། མང་གཙོའི་དགོས་འདུན་འདོན་མཁན་རྒྱ་ནག་རང་གི་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་ གསོད་བཏང་སྟེ་འཛམ་གླིང་མི་མང་ཧ་ལས་པ་བཟོས་ཡོད་པས། དུས་དེང་སང་ཡང་རྒྱ་ནག་འགོ་ཁྲིད་ཚོས་ལུང་པ་གཞན་ལ་མང་གཙོ་མི་འདུག་ཅེས་སྐྱོན་ བརྗོད་བྱ་བའི་སྤོབས་པ་ཙམ་ཡང་བྱུང་མེད་ན། ཡེ་རྡོར་གྱིས་རྒྱ་གཞུང་ལ་ངོ་དགའ་བྱེད་ཆེད་ྋགོང་ས་མཆོག་མང་གཙོའི་ལམ་དུ་ བསྐྱོད་ཀྱི་མི་འདུག སྒེར་སྤྱོད་པ་རེད་ཟེར་བའི་རྩོམ་ཡིག་སྤེལ་བ་འདིས། རྒྱ་ནག་ཕྱི་རོལ་གྱི་འཛམ་གླིང་མི་མང་ལྟ་ཅི། རྒྱ་ནག་ནང་ཁུལ་གྱི་མི་མང་ཁྲོད་དུ་ཡིད་ཆེས་བྱེད་མཁན་ཉིན་དཀར་གྱི་སྐར་མའི་ དཔེར་གྱུར་ཡོད། བཙན་ བྱོལ་ནང་ཐོག་མའི་དུས་སྐབས་སུ་གསར་ཤོག་དང་དུས་དེབ་མང་པོ་མེད་པ་དེ་ནི་མང་ གཙོའི་ལམ་སྲོལ་དབང་གིས་མེད་པ་མ་ཡིན་པར། ལར་ནས་བོད་མིའི་སྤྱི་ཚོགས་ཁྲོད་གསར་ཤོག་དང་ཚགས་དེབ་དར་ཁྱབ་ཧ་ཅང་ཞན་པའི་ཁར། བཙན་བྱོལ་ནང་གསར་ཤོག་དང་ཚགས་དེབ་རྩོམ་སྒྲིག་གི་ཉམས་མྱོང་ཅན་ཉུང་བ། དཔལ་འབྱོར་དང་མཐུན་རྐྱེན་ཞན་པ་སོགས་ཀྱིས་དབང་གིས་གསར་ཤོག་དང་ཚགས་དེབ་མང་པོ་ བྱུང་མེད། ལོ་རབས་དགུ་པའི་མཇུག་ཙམ་དུ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་ དང་ཆབས་ཅིག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་ཅན་མང་དུ་གྱུར་པ་དང༌། བོད་མིའི་དཔལ་འབྱོར་གྱི་གནས་ཚད་ཡར་རྒྱས་ཆེན་པོ་བྱུང་བས། གསར་ཤོག་དང་ཚགས་དེབ་བགྲང་གིས་མི་ལང་བ་ཞིག་བྱུང་ཡོད་པ་དེ་དག་ཀློག་མཁན་བོད་ མིའི་མི་འབོར་དང༌། དཔར་སྐྲུན་གྱི་གྲངས་འབོར། འདོན་ཐེངས་དང་ཁྱབ་ཚད་གང་ཅིའི་ཆ་ནས་བལྟས་ཀྱང༌། ད་ལྟའི་བོད་ནང་གི་གསར་ཤོག་དང་ཚགས་དེབ་གང་ལ་བསྡུར་ཀྱང་ལྷག་པ་ཡོད། གསར་ འགོད་པ་ལ་གནོན་ཤུགས་སྤྲད་པར་བཤད་པ་དེ་ནི་ཡེ་རྡོར་གྱིས་རྒྱ་ནག་ནང་གི་གནས་ ཚུལ་མང་གཙོའི་ལུང་པར་དཔར་འགེབས་བྱས་པ་ཞིག་རེད་མ་གཏོགས། མང་གཙོའི་ལྟ་གྲུབ་ནང་རང་དབང་ཡོད་ཚད་ལས་གལ་ཆེ་ཤོས་ཏེ་སྨྲ་བརྗོད་རང་དབང་ཡིན་ སྟབས། གལ་སྲིད་གནོན་ཤུགས་དེ་འདྲ་སྤྲད་ཡོད་ན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ངམ། རྒྱ་གར་ཁྲིམས་ཁང་སོགས་སུ་གཏུག་བཤེར་བྱ་རྒྱུའི་ཐོབ་ཐང་ཡོད་ལ། དེར་རྒྱབ་གཉེར་བྱེད་མཁན་གསར་འགོད་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ ཚོགས་པ་སོགས་ཡོད་པས། ཁྱོད་ཡེ་རྡོར་ལ་སེམས་ཁྲལ་བྱ་རྒྱུའི་འོས་བབ་མེད།

༥ “ འཛམ་གླིང་གིས་ཏཱ་ལའི་ སྲིད་དབང་སྒེར་འཛིན་གྱི་དབང་སྒྱུར་གྱི་གདོང་རིས་ངོ་མ་རིམ་པས་གསལ་རྟོགས་ཐུབ་ པ། ”

དོན་ཚན་འདིའི་ནང་ཡེ་རྡོར་གྱིས། “ ཏཱ་ལས་དམངས་ གཙོའི་མིང་ཐོག་ནས་ཁོ་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་འཛིན་གྱི་ དབང་སྒྱུར་ལ་མཛེས་རྒྱན་སྤྲས་གང་ཐུབ་བྱེད་ཀྱི་ཡོད། འོན་ཏེ་འཛམ་གླིང་གིས་ཁོ་པའི་སྲིད་དབང་སྒེར་འཛིན་གྱི་ངོ་བོ་རིམ་བཞིན་རྟོགས་ ཀྱི་ཡོད” ཅེས་བྲིས་ཡོད་པ་དང༌། སྡོམ་ཚིག་དེའི་སྒྲུབ་བྱེད་དུ་འཇར་མན་གྱི་འཛམ་གླིང་ཚགས་པར་ཐོག་ྋགོང་ས་མཆོག་ དུས་རབས་གསར་པའི་ཡེ་ཤུ་ལ་བརྩི་མི་རུང་བར་བཤད་ཡོད་ཚུལ་སོགས་གསར་ཤོག་རེ་འགའི་ ཐོག་ྋགོང་ས་མཆོག་དང་བོད་དོན་ཐོག་དཔྱད་གླེང་བྱས་པའི་ངག་སྒྲོས་ཐན་ཐུན་རེ་ བསྒྲིགས་ཏེ་ྋགོང་ས་མཆོག་ལ་དགའ་མི་དགའ་བའི་གླེང་བརྗོད་བྱས་པ་གང་མིན་ཚུལ་དུ་ བརྗོད་པའི་མཇུག་ཏུ། ཁོང་གིས། “ མིའི་རིགས་ཀྱི་སྤྱི་ཚོགས་དེ་ དུས་རབས་ ཉི་ཤུ་པར་སླེབས་པ་དང་དམངས་གཙོའི་ཆབ་སྲིད་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་ མོང་ཐོག་དོན་གཉེར་བྱེད་ས་ཞིག་ཏུ་འགྱུར་བའི་གནས་ཚུལ་འོག- ” ཞེས་ ཡེ་རྡོར་ཁོ་རང་དང༌། ཁོ་རང་སྐྱབས་བཅོལ་སའི་རྒྱ་དམར་སྲིད་གཞུང་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་ རྒྱས་ཀྱི་མདུན་གྲལ་དུ་སླེབས་ཏེ་རང་དབང་མང་གཙོའི་དཔལ་ལ་སྤྱོད་བཞིན་ཡོད་པའི“ ཉམས་སྣང ”གིས་རང་བསྟོད་གཞན་སྨད་ཀྱི་བྱེད་ཐབས་སྤྱད་ འདུག་ཀྱང༌། འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ངང་མང་གཙོ་དོན་གཉེར་བྱེད་ཀྱི་ཡོད་ན། རྒྱ་ནག་གིས་དོན་གཉེར་བྱེད་ཀྱི་ཡོད་དམ། རྒྱ་ནག་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གླེང་བ་ཙམ་གྱིས་ཁྲིམས་གཅོད་བཙོན་ འཇུག་བྱ་དོན་ཅི་ཡིན་ནམ། དྲི་བ་འདི་དག་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་བཏང་དང་གཏོང་བཞིན་ཡོད་པ་ ཡེ་རྡོར་གྱིས་ཤེས་མེད་པ་འདྲ། མདོར་ན། ཤིན་ཧྭ་གསར་ཁང་བརྒྱུད་པེ་ཅིང་ནས་འབྱོར་ཞེས་བཀོད་པའི་ཡེ་རྡོར་ཞེས་པའི་རྫུན་ མིང་འོག་བྲིས་པའི་རྩོམ་ཡིག་འདིར་ཡང་སྙིང་བདེན་པའི་ “ རིན་ཐང ”ཅི་ཡོད་མེད་བདེན་དཔང་དང་ལོ་རྒྱུས་མང་པོ་མི་དགོས་པར། ཁོང་གི་བརྗོད་ཚིག་རང་གི་ཐོག་ནས་ནང་འགལ་དང་གོ་ལོག་ལུང་པ་གང་བཟོས་ཡོད་པ་རྒྱ་ ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་དགེ་བར་གྱུར་ཅིག

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
སྲིད་ དབང་སྒེར་འཛིན་པས་མང་གཙོ་ གླེང་བར་ལྟ་བ།
བཀྲ་ཤིས་དོན་འགྲུབ།